ཕ་ཡུལ་གྱི་ལོ་གསར།།
故乡的新年
གཞས་ཚིག བཀྲ་ཤིས་རྡོ་རྗེ།
作词:扎西多杰
གཞས་གདངས། ཕུར་བཟང་རྡོ་རྗེ།
作曲:普桑多吉
གཞས་མ། ཆོས་དབྱངས་མཚོ།
演唱:曲英措
སྐྱིད་པ་(སེ་)ལྷ་རིའི་ཡུལ་ལ།།
བཀྲ་ཤིས་(སེ)ལོ་གསར་ཚེས་སོང།།
ཡིད་འོང་གཙང་པོའི་ཆུ་ཕུད།།
སྙེ་འུར་བོད་རག་ཕབ་ཡོད།།
ཕ་དང་ཨ་ཁུའི་མཆོད་ན།།
གཏམ་ལ་ཟད་པ་མི་འདུག།
གཏམ་དང་བསླབ་བྱ་ཡེ་་་་་འགོ་ནས་གླེང་།
~
སྐྱིད་པ་ (སེ་) ལྷ་རིའི་ཡུལ་ལ།།
བཀྲ་ཤིས་ (སེ་) ལོ་གསར་ཚེས་སོང།།
ཉང་གཡག་འབྲི་མོའི་འོ་ཕུད།།
ཟངས་མཁར་ནང་ལ་བསྐོལ་ཡོད།།
མ་དང་ཨ་སྲུའི་མཆོད་ན།།
ཟས་ལ་ཟད་པ་མི་འདུག།།
ཟས་དང་མཆོད་པ་ཡེ་་་་གོང་ལ་མཆོད།
~
སྐྱིད་པ་ (སེ་) ལྷ་རིའི་ཡུལ་ལ།།
བཀྲ་ཤིས་ (སེ་) ལོ་གསར་ཚེས་སོང།།
བཀྲ་ཤིས་གྲོ་སོག་ཕྱེ་མར།།
བཞུགས་གྲལ་འགོ་ནས་བཀྱགས་ཡོད།།
བུ་དང་བུ་མོས་མཆོད་ན།།
གླུ་བྲོ་ཟད་པ་མི་འདུག།།
གླུ་དང་སྟངས་སྟབས་ཡེ་་་་་གྲལ་་ནས་འགྲིག
