བསྭོ། ཨ་སྐྱིད་བསྭོ།
བསོད་ནམས་ཉི་མ་ཤར་བྱུང་ལགས།
སྒྲ་སྙན་འཁྲོལ་ལོ་ལོ། གཡེར་ཁ་སིང་སིང་སིང་།
བསྭོ། ཨ་སྐྱིད་བསྭོ།
བསོད་ནམས་ཉི་མ་ཤར་སོང་ལགས།
སྒྲ་སྙན་འཁྲོལ་ལོ་ལོ། གཡེར་ཁ་སིང་སིང་སིང་།
ནད་མུག་འཁྲུགས་རྩོད་ཞི་བའི་གླུ་དབྱངས་ལེན། ཁྱེད་ཚོ་དགའ་ཤོག
རྒྱལ་ཁམས་ཞི་བདེ་ཡོང་བའི་ཞབས་བྲོ་འཁྲབ། ཁྱེད་ཚོ་སྤྲོ་ཤོག
དེ་རིང་གནམ་ལོ་གསར་བ་རེད། བག་ལྷོད་ལྷོད་གྱིས། སེམས་སྤྲོ་སྤྲོ་བྱོས།
བསྭོ། ཨ་སྐྱིད་བསྭོ།
བསོད་ནམས་ཉི་མ་ཤར་བྱུང་ལགས།
སྒྲ་སྙན་འཁྲོལ་ལོ་ལོ། གཡེར་ཁ་སིང་སིང་སིང་།
བསྭོ། ཨ་སྐྱིད་བསྭོ།
བསོད་ནམས་ཉི་མ་ཤར་སོང་ལགས།
སྒྲ་སྙན་འཁྲོལ་ལོ་ལོ། གཡེར་ཁ་སིང་སིང་སིང་།
དུས་བདེ་གནས་འཇམ་ཡོང་བའི་གླུ་དབྱངས་ལེན། ཁྱེད་ཚོ་དགའ་ཤོག
འཆམ་མཐུན་གྲོས་འགྲིག་ཡོང་བའི་ཞབས་བྲོ་འཁྲབ། ཁྱེད་ཚོ་སྤྲོ་ཤོག
དེ་རིང་གནམ་ལོ་གསར་པ་རེད། སྐུ་བདེ་བདེ་གྱིས། ཐུགས་སྐྱིད་སྐྱིད་བྱོས།
བསྭོ། ཨ་སྐྱིད་བསྭོ།
བསོད་ནམས་ཉི་མ་ཤར་བྱུང་ལགས།
སྒྲ་སྙན་འཁྲོལ་ལོ་ལོ། གཡེར་ཁ་སིང་སིང་སིང་།
བསྭོ། ཨ་སྐྱིད་བསྭོ།
བསོད་ནམས་ཉི་མ་ཤར་སོང་ལགས།
སྒྲ་སྙན་འཁྲོལ་ལོ་ལོ། གཡེར་ཁ་སིང་སིང་སིང་།
ཁྱེད་དགའ་ང་སྐྱིད་ཡོང་བའི་གླུ་དབྱངས་ལེན། ཁྱེད་ཚོ་དགའ་ཤོག
བསམ་པའི་དོན་ཀུན་འགྲུབ་པའི་ཞབས་བྲོ་འཁྲབ། ཁྱེད་ཚོ་སྤྲོ་ཤོག
དེ་རིང་གནམ་ལོ་གསར་པ་རེད། ཁམས་ཡངས་ཡངས་གྱིས། སོས་དལ་དལ་བྱོས།
