སྙིང་གི་བྱམས་པ།
ཚིག ཧོར་ཚེ་གངས་མིག
དབྱངས། དཀོན་མཆོག་རྒྱལ་མཚན།
ལེན་མཁན། ཨ་སངས་བསྟན་པ།
录混:九歌传媒兰州录音棚
མི་ཚེ་སྐྱིད་སྡུག་རིང་ལ།
བཤད་དཀའ་བའི་ལས་དབང་ང་ཚོས་མཉམ་དུ་འཁུར་ཆོག
བསགས་སྦྱང་བཟང་པོ་ཞིག་གི་ལས་འཕྲོད་ཡིས།
ཡུལ་ཕྱོགས་མི་གཅིག་པའི་བུ་མོ་ཁྱོད་ལ་འཁྲེང་སོང་།
རྒྱང་བཞུད་ཀྱི་ལམ་བུ་རིང་ཡང་།
ནང་སེམས་ཀྱི་བར་ཐག་ཉེ་སོང་།
འཇིག་རྟེན་དར་རྒུད་རིང་ལ།
བརྗེད་དཀའ་བའི་ལས་སྐལ་ང་ཚོས་མཉམ་དུ་རོལ་ཆོག
སྨོན་ལམ་ཡག་པོ་ཞིག་གི་ནུས་མཐུ་ལས།
ཡུལ་སྐད་མི་འདྲ་བའི་བུ་མོ་ཁྱོད་ལ་འདྲིས་བྱུང་།
མཉམ་འཛོམས་ཀྱི་སྐལ་བ་ཉུང་ཡང་།
གཅིག་མཐུན་འདུན་པ་མང་སོང་།
འཛུམ་ཆུང་དྭངས་མོར་གྲོལ་བའི་སྙིང་གི་བྱམས་པ།
ཁྲེལ་གཞུང་གཙང་མར་གོམས་པའི་སྙིང་གི་བྱམས་པ།
ཁྱོད་ནི་ངའི་བྱང་ཐང་གི་སྤང་རྒྱན་མེ་ཏོག
ཁྱོད་ནི་ངའི་ཚོ་ཆུང་གི་གསེར་མིག་ཉ་མོ།
མི་ཚེ་སྐྱིད་སྡུག་རིང་ལ།
བཤད་དཀའ་བའི་ལས་དབང་ང་ཚོས་མཉམ་དུ་འཁུར་ཆོག
བསགས་སྦྱང་བཟང་པོ་ཞིག་གི་ལས་འཕྲོད་ཡིས།
ཡུལ་ཕྱོགས་མི་གཅིག་པའི་བུ་མོ་ཁྱོད་ལ་འཁྲེང་སོང་།
རྒྱང་བཞུད་ཀྱི་ལམ་བུ་རིང་ཡང་།
ནང་སེམས་ཀྱི་བར་ཐག་ཉེ་སོང་།
འཇིག་རྟེན་དར་རྒུད་རིང་ལ།
བརྗེད་དཀའ་བའི་ལས་སྐལ་ང་ཚོས་མཉམ་དུ་རོལ་ཆོག
སྨོན་ལམ་ཡག་པོ་ཞིག་གི་ནུས་མཐུ་ལས།
ཡུལ་སྐད་མི་འདྲ་བའི་བུ་མོ་ཁྱོད་ལ་འདྲིས་བྱུང་།
མཉམ་འཛོམས་ཀྱི་སྐལ་བ་ཉུང་ཡང་།
གཅིག་མཐུན་འདུན་པ་མང་སོང་།
དུངས་ཞེན་ཟབ་མོར་འཁྱིལ་བའི་སྙིང་གི་བྱམས་པ།
དམ་ཚིག་གཅེས་པར་སྲུང་བའི་སྙིང་གི་བྱམས་པ།
ཁྱོད་ནི་ངའི་མཁའ་དབྱིངས་ཀྱི་སྐར་མ་ཨ་བརྟན།
ཁྱོད་ནི་ངའི་ནགས་ཀླུང་གི་ཁུ་བྱུག་སྔོན་མོ།